人文青藏免费关注
ལོ་ངོ་སྟོང་ཕྲག་གོང་ནས་བོད་མིར་ཇ་བསྲུབས་མ་འཐུང་བའི་སྲོལ་ཡོད་ལ། མར་གྱིས་མིའི་ལུས་པོའི་ནུས་ཚད་ལ་ཁ་སྣོན་བྱ་ཐུབ་ཅིང་། མཐོ་སྒང་སྟེང་འབྱུང་བའི་ནད་རིགས་སྣ་ཚོགས་ལ་ཁ་གཏད་ཐུབ་ཀི་ཡོད་པ་མ་ཟད་ཕན་ནུས་ཀྱང་ཆེན་པོ་ཐོན་གི་ཡོད། གལ་སྲིད་ཁྱེད་རང་མཐོ་སྒང་དུ་འཚོ་གནས་བྱེད་ཀི་མེད་རུང་། ཇ་བསྲུབས་མ་འཐུང་ན་དགེ་མཚན་མང་པོ་ཡོད་པ་གཤམ་གསལ་ལྟར་ཡིན།
藏族人喝酥油茶已有千年历史。酥油能充分补充能量,帮助应付高原上面临的各种生理疾病的挑战。即使不在高原上生活,我们也有很多很好的理由饮用酥油茶。下面就列出喝酥油茶的几大益处:
༡ ལུས་པོའི་ནུས་ཚད་ཁ་སྣོན་བྱ་ཐུབ།
མནའ་དུས་ནས་བཟུང་། ས་བབ་མཐོ་བའི་གནས་སུ་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་ཇ་བསྲུབས་མར་རྣམ་རིག་དྭངས་བར་བྱེད་པའི་ནུས་པ་ཡོད་པར་སྨྲ། རྒྱུྱ་མཚན་ནི། ཇའི་ནང་གི་ཁ་ཧྥེའི་ཡི་རྫས་མཐོ་པོ་ཡོད་པས་མིའི་ལུས་ལ་ནུས་ཚད་ཁ་སྣོན་བྱ་ཐུབ་གི་ཡོད་པ་མ་ཟད། མར་གྱིས་བདེ་ཐང་གི་ཚིལ་མཁོ་འདོན་བྱ་ཐུབ་པས། ལས་ཀ་དང་སློབ་སྦྱོང་སོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ།
1)补充能量
一直以来,藏族人用酥油补充能量。生活在高海拔地区的人们,通过定期饮用这种茶能起到提神醒脑的作用,因为茶中的咖啡因含量高,它为身体提供充足的能量。
即使我们不求每天都精力旺盛,酥油茶仍可以为我们提供必要的能量。茶叶中的咖啡因不仅有助于提高能量水平,酥油提供的健康脂肪还可以帮助减轻工作和学习的压力。
༢ ཀླད་པའི་བདེ་ཐང་།
བོད་མི་ཚོས་གནའ་དུས་ནས་ཇ་བསྲུབས་མས་དམིགས་གསལ་གྱི་དབྱང་འགྱུར་འགོག་པའི་ནུས་པ་ལྡན་པ་ཤེས་རྟོགས་བྱུང་ཡོད། དབྱང་འགྱུར་འགོག་པའི་ནུས་པ་ལྡན་ཚེ་ཀླད་ནད་ཀྱི་རིགས་ལ་སྔོན་འགོག་བྱ་ཐུབ་གི་ཡོད་ཅིང་། ལོ་ན་རྒས་དུས་མིའི་དྲན་ཤེས་ཀྱང་རིམ་བཞིན་སྐྱོ་རུ་འགྲོ་པས་དབྱང་འགྱུར་འགོག་ནུས་ཤུགས་ཆེན་ལྡན་པའི་ཇ་མང་ཙམ་འཐུང་ན་ནད་རིགས་དེ་དག་སྔོན་འགོག་བྱ་ཐུབ།
2)脑部健康
藏族人早已意识到这种茶的特殊抗氧化价值。目前,对健康较关注的人普遍熟悉天然抗氧化剂给健康带来的益处,因为它能帮助扭转环境辐射造成的危害,且明显降低患病的风险。
已知抗氧化剂可防止的疾病之一是脑部疾病。随着年龄增长,我们的认知能力逐渐减弱,还可能会导致严重的健忘和注意力不足,甚至出现更严重的疾病,诸如痴呆症和阿尔茨海默病等。喝大量抗氧化剂丰富的茶有助于减少这些风险。
༣ ཟས་འཇུའི་ནུས་པ་ལེགས་བཅོས་བྱ་ཐུབ།
ཇ་བསྲུབས་མས་ཟས་འཇུ་མ་ཐུབ་པའི་ནུས་པར་ལེགས་བཅོས་བྱ་ཐུབ་གི་ཡོད་ལ། ལྟོ་བ་སྦོས་པ་སོགས་ལ་ལེགས་བཅོས་བྱ་ཐུབ་གྱི་ཡོད་པ་མ་ཟད། ད་དུང་ཕོ་སྐྱུར་ལངས་པའི་ནད་ལ་ཕན་ཞིང་། མིའི་ལུས་པོའི་ནང་གི་རྙིང་ཚབ་གསར་འབྱེད་ལ་ཡང་སྐུལ་འདེད་གཏོང་ཐུབ་གི་ཡོད།
3)改善消化
酥油茶有助于改善许多消化不良的症状,包括消化不良和腹胀,还可以降低胃酸水平,甚至有助于缓解胃酸倒流。按照传统用法,它还可以帮助促进身体的新陈代谢,并帮助更有效地消化食物,这意味着从食物中获得更多的营养。
༤ ལུས་པོའི་ལྗིད་ཚད་དང་ཚིལ་ཉུང་དུ་གཏོང་ཐུབ།
ཇ་བསྲུབས་མས་མིའི་ལུས་པོའི་ལྗིད་ཚད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཀི་ཡོད་ལ། ཁ་ཟས་ཡི་གའང་ཚོད་འགོག་བྱ་ཐུབ། ཇ་བསྲུབས་མའི་ནང་གི་ཁ་ཧྥེས་རྙིང་ཚབ་གསར་འབྱེད་ལ་སྐུལ་འདེད་གཏོང་བ་མ་གཏོགས་ལྟོགས་པའི་ཚོར་སྣང་ཡོང་མི་སྲིད། དེས་རྐྱེན་གྱིས་ཚད་དང་ལྡན་པའི་སྒོ་ནས་ཇ་བསྲུབས་མར་རོལ་ན། ལུས་པོའི་ནང་གི་ཚིལ་ཇེ་ཉུང་དུ་གཏོང་ཐུབ།
4)减重减脂
听起来有点奇怪, 酥油的确可以正面地影响你的体重。酥油茶会抑制食欲,并有助于燃烧更多的脂肪作为能量的补充。酥油茶中发现的咖啡因是一种兴奋剂,它能促进新陈代谢而不会让你感到饥饿。酥油也是一种丰富的脂肪源,它可以帮助你更长时间地感到饱腹,并限制你在一天中经常要吃零食的欲望。消耗更少的食物,燃烧更多的卡路里,这是保持体重的一种可靠方法,饮用适当的酥油茶,减掉身上多余的脂肪不是不可行的。
༥ ས་མཐོའི་ནད།
ཚང་མས་ཤེས་གསལ་ལྟར། ས་མཐོར་འཚོ་གནས་བྱེད་བཞིན་པའི་མི་རྣམས་ཀྱིས་ཟས་རིགས་སྙོམས་སྒྲིག་བྱས་ནས་ལ་དུག་ལ་ཁྱད་གསོད་བྱེད་ཀི་ཡོད། ལ་དུག་བརྒྱབ་ཚེ་མགོ་ན་ནས་སྐྱུག་མེར་ལངས་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། གནས་ཚུལ་དེའི་རིགས་འཕྲད་སྐབས་ཇ་བསྲུབས་མས་ཕན་ནུས་ཆེན་པོ་འདོན་གི་ཡོད་པ་རེད།
5)高原病
毫无疑问,居住在高海拔上的人们设法通过调整饮食来克服高原反应。任何曾经在高原上度过一定时间的人都知道,高原反应有时会非常严重,头晕,恶心等是常见症状。高原上的居民则通过每天饮用酥油茶而得到放松和休息,对付高原反应不在话下。
༦ སྐྱི་པགས་ཀྱི་བདེ་ཐང་།
བོད་མི་རྣམས་ཀྱིས་མར་བེད་སྤྱད་ནས་མཆུ་དང་སྐྱི་པགས་གསོ་གི་ཡོད། བྱ་ཐབས་དེས་རླུང་འཚུབ་དང་ཚ་བསྲེགས་ཆེ་བའི་ཉི་མའི་ཁྲོད་ཀྱི་སྐྱི་པགས་ལ་ཐེབས་པའི་གནོད་འཚེ་སྔོན་འགགོ་བྱ་ཐུབ།
6)皮肤健康
藏族人长期以来喜欢用酥油滋润他们的嘴唇和皮肤,这种做法直接有助于防止和减轻暴露在风和灼热阳光下而带来的伤害。即使在最艰苦的条件下,酥油茶也能帮助保持嘴唇和皮肤的滋润和健康。
༧ སྙིང་གི་བདེ་ཐང་།
མི་མང་པོས་ཇ་བསྲུབས་མ་མང་ན་མཁྲིས་རྒྱུ་གཤེར་རྕི་མཐོ་རུ་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། མཁྲིས་རྒྱུ་གཤེར་རྕི་མཐོ་ན་སྙིང་ལ་ཤུགས་རྐྱེན་ཐེབས་ཀི་ཡོད་པར་སྙམ། འོན་ཀྱང་། ཇ་བསྲུབས་མར་སྣུམ་སྐྱུར་གྱི་ཚད་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་སྙིང་ལ་ཕན་པ་ཡོད་པ་དང་། མཁྲིས་རྒྱུ་གཤེར་རྕི་ཡང་དམའ་རུ་གཏོང་ཐུབ།
7)心脏健康
人们普遍认为,食用太多的酥油会增加胆固醇,我们也知道高胆固醇通常对心脏不利,会增加心脏病的风险。然而,酥油茶含有丰富的健康亚油酸,对心脏是有益的,它可以降低胆固醇水平。没有证据表明酥油茶直接有助于改善心脏健康,但当地居民中发现的心脏病患者比西方人群中要少得多。
༨ གཅིན་པ་མངར་སྐྱུར་གྱི་ནད།
ཇ་བསྲུབས་མའི་ནང་གི་ལེ་མོན་སྐྱུར་གྱིས་ཁྲག་གི་མངར་ཚད་ཚོད་འཛིན་བྱ་རྒྱུར་ཕན་ནུས་ཡོད།
8)糖尿病
酥油茶中的柠檬酸有助于控制血糖水平,对糖尿病患者也有积极的治疗作用。虽没有绝对的证据证明这一事实,但一些证据充分证明其切实可行。
༩ ནད་འགོག་ནུས་ཤུགས་ཆེ་རུ་གཏོང་བ།
ཇ་བསྲུབས་མའི་ནང་གི་དབྱང་འགོག་ནུས་པས་རིམས་ནད་འགོག་པར་་ཕན་པ་བསྐྲུན་ནས། ནད་རིགས་སྔོན་འགོག་དང་བདེ་ཐང་གི་འཚོ་བ་རོལ་ཐུབ།
9)加强免疫力
酥油茶中含有的抗氧化剂包括已知的对健康有重大影响的儿茶素, 它可以帮助增强免疫系统,帮助你远离疾病,保持健康。
来源:阳光西藏
人 文 青 藏
留言跟帖
(网友评论仅供其表达个人看法,并不表明本站立场)